中華民國寧瑪巴白玉祥丘達吉林佛學會∼白玉佛學會高雄中心   http://www.palyul-center.org.tw
主題:【 祖古瑪瓊泰耶之常住祈請文(無死甘露寶瓶)法 】

༄༅། །མཆོག་སྤྲུལ་རྨད་བྱུང་མཐའ་ཡས་ཀྱི་ཞབས་བརྟེན་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བ་བཞུགས་སོ།།
祖古瑪瓊泰耶之常住祈請文(無死甘露寶瓶)法


 འཆི་མེད་འོད་གསལ་གཉུག་མའི་རང་ཞལ་ལས།།
祈美 哦薩 紐母 讓夏來

無死光明原始本來面


སྐྱེ་མེད་གཞོམ་གཞིག་བྲལ་བའི་ཆོས་ཉིད་དོན།།
結美 秀息 札瓦 秋尼敦
無生堅固不變法性義


འགག་མེད་རང་བྱུང་ལྷུན་གྲུབ་ཡེ་ཤེས་མཆོག
嘎美 讓瓊 倫珠 益西秋
無滅自生任運勝智慧


ཀུན་ཁྱབ་ཀུན་གསལ་གཞོན་ནུ་བུམ་སྐུར་འདུད།།
根恰 根薩 學尼 吾固的
頂禮遍佈遍明童瓶身


ཐུགས་རྗེའི་འཕྲུལ་གྱིས་འགྲོ་ཀུན་རྗེས་བཟུང་ནས།
突傑 楚吉 卓根 記松尼

慈悲幻化眷顧有情眾


གང་འདུལ་འཕྲུལ་གྱིས་གདུལ་བྱ་འདུལ་བའི་ཕྱིར།།
剛度 楚吉 都夏 度為屈
為了度化相應之有情


སྣ་ཚོགས་ཐབས་ཀྱིས་ཟབ་རྒྱས་ཆོས་ཆར་ཕབས།།
哪措 塔吉 沙記 秋恰佩
種種善巧宣揚深廣法


གདུལ་བྱ་རྒྱ་མཚོའི་མགོན་ལ་ཞབས་བརྟེན་གསོལ། །
得夏 嘉措 滾拉 夏等梭
為眾有情依怙祈常住


རྨད་བྱུང་ཐུགས་བསྐྱེད་ལྷག་བསམ་སྟོབས་ཀྱིས་དྲངས།།
瑪瓊 突皆 拉桑 多吉沾
殊勝乘願聖潔心力引


མཐའ་ཡས་གདུལ་བྱའི་ཁམས་ལ་ཆོས་ཆར་ཕབས།།
泰耶 都夏 康拉 秋恰佩
對於無邊眾生降法雨


སྨིན་གྲོལ་གཏན་བདེའི་དགའ་སྟོན་འགྱེད་མཛད་པའི།།
門卓 單德 嘎噸 皆札貝
施予解脫永樂之喜慶


བསྟན་འགྲོར་ཕན་བྱེད་དམ་པར་ཞབས་བརྟེན་གསོལ།།
丹卓 潘謝 達貝 夏等梭
利生持教聖者祈常住


ཕྱི་ནང་རྒྱ་བོད་རྒྱལ་བསྟན་རིན་པོ་ཆེ།།
屈郎 加吾 嘉丹 仁波切
境內境外藏漢共教法


འཛིན་སྐྱོང་སྤེལ་མཛད་མཁས་གྲུབ་ཐམས་ཅད་ལ།།
珍烔 貝札 開珠 他切拉
予以宣揚護持之諸聖


ལྷག་བསམ་དཀར་པོས་གཞན་ཕན་འཕྲིན་ལས་སྒྲུབ།།
拉桑 嘎布 先潘 春來珠
純淨發心成辦利生業


ཐུགས་བསྐྱེད་འགྲན་བྲལ་ཁྱེད་ལ་ཞབས་བརྟེན་གསོལ།།
突記 站札 切拉 夏等梭
發心無比尊您祈常住


མདོར་ན་ལུང་རྟོགས་བསྟན་པ་རིན་པོ་ཆེ།།
敦哪 龍多 丹巴 仁波切
總之經與證悟二聖教


ཐུགས་ཀྱི་མཁའ་ལ་འཁྱིལ་བཞིན་བསྟན་འགྲོའི་དོན།།
突吉 卡拉 切先 丹卓敦
悲願猶如虛日遍法界


གཞན་ཕན་འཕྲིན་ལས་ལྷག་བསམ་དཀར་པོ་གཟིས།།
先潘 春來 拉桑 嘎布日
持教利生純淨之善業


སྲིད་མཐའ་ཁྱབ་ཅིང་སྐུ་ཚེ་རྟག་བརྟན་ཤོག
在泰 恰將 固才 達丹秀
遍及法界尊壽祈永恆


དེ་ལྟར་སྨོན་དོན་བདེན་ཚིག་དྲི་མ་མེད།།
爹達 門巴 敦楚 志瑪美
如此所願無垢真實語


མཆོག་གསུམ་བསྟན་པ་རིན་ཆེན་བདེན་སྟོབས་དང་།
秋松 丹巴 仁千 登多當
三寶教法不虛真諦力


བསྟན་སྲུང་དམ་ཅན་འཕྲིན་ལས་མཐུ་སྟོབས་ཀྱིས།།
丹松 當間 春來 土多記
以及護法行使事業力


གེགས་མེད་འགྲུབ་ཅིང་འཕྲིན་ལས་མཐར་ཁྱབ་ཤོག
嘎美 珠將 春來 塔恰秀
無礙達成事業願遍佈


ཅེས་པ་འདིའང་དཔལ་མཁའ་སྤྱོད་བཞད་པའི་རྡོ་རྗེ་དང་དབུས་སྤྲུལ་མཁའ་སྤྱོད་དབང་མོ་ཟུང་གིས་ཁྲོཾ་ལྗོངས་སྐྱིད་པའི་དགའ་ཚལ་ནས་སྤྱི་ལོ་༢༠༡༤་ལོའི་བོད་ཟླ་༦་སྟེ་སྟོན་པ་ཐུབ་པའི་དབང་པོས་ཆོས་འཁོར་བསྐོར་བའི་དུས་ཚེས་ཁྱད་པར་ཅན་ལ་བྲིས་པ་དགེ་གྱུར་ཅིག
如此祈願文是由吉祥空行笑金剛與鄔薩空行轉世空行自在母合著,於

西元2014年藏曆6月佛陀初轉法輪之殊勝日,寫於綽曲谷喜樂園。





關閉