སྟོན་པ་ལྷ་བབས་དུས་ཆེན་དགེ་སྐུལ།
佛陀天降日
࿑ ལོ་ལྟར་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དགུ་པ་ལྷ་བབས་དུས་ཆེན་ནི་སྔོན་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་ནས་དགོང་ལོ་༤༡སླེབས་པའི་སྐབས། ཁོང་གི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་མཁྱེན་ནས་ཆོས་གསུང་ཕྱིར་སྟོན་པ་འཁོར་དང་བཅས་ལྷ་གནས་སུམ་ཅུ་རྩ་གནས་སུ་དབྱར་གནས་མཛད་པར་མ་ཟད་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུ་སྐྱེ་སོགས་ལྷ་ཡི་རིས་ཀྱི་གདུལ་བྱ་རྣམས་ལ་ཆོས་སྟོན་བཞིན་བཞུགས། དེའི་དུས་སུ་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་གཙོས་རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་མི་རྣམས་ཀྱིས་འཕགས་པ་མོའུ་འགལ་བུ་རྫུ་འཕྲུལ་ཅན་ཁྱེད་ཀྱིས་བཅོམ་ལྡན་འདས་ལ་ཞུས་ལ་འཛམ་གླིང་དུ་སྤྱན་དྲོངས་རོགས་ཞེས་གསོལ་བས། འཕགས་པ་མོའུ་འགལ་གྱི་བུས་ཀྱང་དེ་ལྟར་གསོལ་བ་བཏབ་པས། སྟོན་པ་མཆོགས་གིས་ཀྱང་ཞལ་བཞེས་གནང་ནས་ལྷ་མིའི་འཁོར་དང་བཅས་ཏེ་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས་འཕགས་ཡུལ་གསལ་ལྡན་གྱི་གྲོང་ཁྱེར་དུ་བྱོན་ཏེ་སེང་གེའི་ཁྲིའི་སྟེང་དུ་བཞུགས་ནས་འགྲོ་བ་མཐའ་ཡས་པ་ལ་སྐལ་བ་དང་འཚམ་པའི་ཆོས་ཚུལ་བསྟན་ནས་འགྲོ་བ་རྣམས་ཐར་བ་དང་སྨིན་གྲོལ་གྱི་ལམ་དུ་འགོད་པར་མཛད་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པས་ཀུན་གྱིས་དུས་ཆེན་འདི་དམ་འཛིན་བྱས་ཏེ་རྣམ་དཀར་དགེ་བའི་ལས་ལ་འབད་པར་འཚལ།
藏歷九月二十二日是紀念佛陀上天為母說法畢,重返娑婆世界之“降凡日”。佛陀之親母,在佛陀出生後不久便去世,轉生於天界,佛陀在示現成佛後,曾上天為母說法。復重返娑婆世界的日子故稱為降凡節紀念日。在藏歷九月期間若能共同修持各種善業,其功德福報更加不可思議,因為所有參與共修者均可同時獲得共修的全部利益。
སུམ་ཅུ་རྩ་གསུམ་གནས་སུ་དབྱར་གནས་མཛད།།
仙人三十三界夏安居
སྐལ་ལྡན་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ།།
因緣成熟弟子引解脫
སྨིན་དྲུག་ཅན་ལ་ཚངས་དབང་ཚོགས་འཁོར་བཅས།།
昴宿六星梵天眾神之
སླར་ཡང་གླིང་འདིར་བྱོན་ལ་ཕྱག་འཚལ་ལོ།།
返回人間佛陀頂敬禮
|