中華民國寧瑪巴白玉祥丘達吉林佛學會∼白玉佛學會高雄中心   http://www.palyul-center.org.tw
主題:【 慶賀法王九歲聖誕 】

སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་མཆོག་དགུང་གྲངས་དགུ༼༩༽ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།། ༣༡/༡༢/༢༠༢༠/

今日1231日是大恩根本上師貝諾法王轉世九歲生日

བི་མའི་དངོས་སྤྲུལ་སྲིད་དུ་འཁྲུངས་པའི་ཨེ་མ་མཚར།།

བསྟན་དང་འགྲོ་ལ་ཕན་བདེའི་འོད་སྟོང་རླབས་ཆེན་འཕྱུར།།

པད་མ་ནོར་བུའི་རྣམ་སྤྲུལ་ཉིད་གྱུར་རྒྱལ་བའི་སྲས།

མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་འཁྲུངས་སྐར་བསུ།།

 བྱམས་བརྩེའི་བདག་པོ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས།།

བསྟན་དང་འགྲོ་ལ་ཕན་བདེ་རླབས་ཆེན་མཛད་པ་ཡི།།

དགོས་འདོད་ཀུན་སྩོལ་ཡིད་བཞིན་ནོར་བུ་ཇི་འདྲ་བ།།

འདྲེན་མཆོག་དཔལ་ལྡན་བླ་མའི་འཁྲུངས་སྐར་སྤྲོ་བའི་བསུ།།

 ཆོས་ཀྱི་བདུད་རྩི་ཆར་བཞིན་འབབ་པའི་ལྷ་མཆོག་རྒྱལ།།

སངས་རྒྱས་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས་པར་མཛད།།

འདས་མ་ད་གསུམ་སྐྱབས་དང་རེ་ས་ཁྱེད་ལས་སུ།།

སྐུ་ཚེ་འགྱུར་མེད་རྟག་བརྟན་གནས་ཕྱིར་འཁྲུངས་སྐར་བསུ།།



關閉